རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གི་ཚོགས་གཙོ་ ཊོ་ཀི་ཡོ་ཨོ་ལིམ་པིག་རྩེད་འགྲན་འདི་ ཤུལ་མའི་ལོ་ནང་ དུས་ཚོད་ཁར་ འགོ་འདྲེན་འཐབ་མ་ཚུགས་པ་ཅིན་ ཆ་མེད་བཏང་འོང་།
༉ རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གི་ སྲིད་འཛིན་ བཱཆ་གིས་ ཉིནམ་གཅིག་གི་ནང་ ཊོ་ཀི་ཡོ་ཨོ་ལིམ་པིག་རྩེད་འགྲན་འདི་ ལོ་གཅིག་གི་དོན་ལུ་ ཕར་འགྱངས་འབད་དེ་ཡོད་མི་ རྩེད་འགྲན་འདི་ ཤུལ་མའི་ལོ་ནང་ འགོ་འདྲེན་འཐབ་མ་ཚུགས་པ་ཅིན་ ལས་རིམ་འདི་ ཆ་མེད་བཏང་འོང་ཟེར་ བི་བི་སི་གིས་ གཟའ་ལྷགཔ་ལུ་ སྙན་ཞུ་འབད་ཡི།
བཱཆ་གིས་ སླབ་མིའི་ནང་ དུས་རྒྱུན་དུ་ མི་༣༠༠༠ ལས་༥༠༠༠ ཚུན་ གླ་ཁར་ལེན་མི་ཚུགས་ནི་ཨིནམ་ལས་ རྩེད་འགྲན་པ་ཚུ་ སེམས་ཕམ་བཅུག་མི་ཚུགས་ཟེར་ཨིན་པས། ད་རུང་ སྙན་ཞུ་ནང་ ཊོ་ཀི་ཡོ་ཨོ་ལིམ་པིག་སྒྲིག་འཛུགས་ཚོགས་ཆུང་གིས་ གདམ་ཁ་ཚུ་ འཕྲོ་མཐུད་དེ་རང་ ཕར་འགྱངས་མ་འབད་ཟེར་ཨིན་པས།




